All Bhutanese Lyrics in Dzongkha & English!

Wednesday, June 1, 2022

རྩྭ་རི་སྨྱུག་མ།(Tsaray Nyuma)-


 དགུང་དང་སྤྲིན་གྱི་མཚམས་ལུ། །

ཁྲི་གདུགས་ཉི་མ་མ་ཤར་ཙམ་ཅིག་གི །

གནམ་ཁ་སྟོང་པ་མི་ལུས། །

ང་རྒྱུ་སྐར་རྒྱལ་པོ་ཤར་བའི་དུས་ཅིག་འོང་། །


གངས་དང་ཡབ་ཀྱི་མཚམས་ལུ། །

ལེགས་པའི་ཤིང་ཆེན་མ་སྐྱེད་ཙམ་གྱི། །

ལུང་པ་སྟོང་པ་མི་ལུས། །

ང་རྩྭ་རི་སྨྱུག་མ་འཁྲུངས་པའི་དུས་ཅིག་འོང་། །


ཁྱོད་ཀྱི་ཞལ་རས་གནས་བདག་རྒྱུ་སྐར་རྒྱལ་པོ། །

ཁྱོད་ཀྱི་སྐུ་གཟུགས་འདི་དང་རྩྭ་རི་སྨྱུག་མ། །

གཉིས་ཀུ་དབྱེ་བ་འཕྱལ་སར་མིན་འདུག །

དབྱེ་བ་སོ་སོ་འཕྱལ་སར་མིན་འདུག །


སྐྱེད་པཔི་ཁ་ཚིག་ཁྱོད་ཀྱི་དོན་ལུ་བཞག་ནི། །

བཟང་པའི་དམ་ཚིག་ཁྱོད་ཀྱི་དོན་ལུ་བཟུང་ནི། །

ནམ་ཡང་འགྱུར་ནི་མེད་པའི་དམ་བཅའ། །

དཀོན་མཆོག་དཔང་ལུ་བཙུགས་འདི་བཞག་ནི། །


ཡར་མཐོ་བའི་གངས་དཀར་སྤུན་གསུམ། །

སྐྱེ་པའི་གངས་ཀྱི་རྒྱན་ཆ། །

གཟུགས་མཛེས་ཡིད་འཕྲོག་ལྷ་མོ། །

མི་རྣམས་ཀུན་གྱི་རྒྱན་ཆ། །


སྤང་དང་ནགས་ཀྱི་མཚམས་ལུ། །

ཤཝ་གི་རབ་ཅུང་མ་སྐོརཝ་ཙམ་ཅིག་གི །

སྤང་གཤོང་སྟོང་པ་མི་ལུས། །

ང་ལེགས་པའི་རྨ་བྱ་འཁོར་བའི་དུས་ཅུག་མྱོང་། །


གཡུས་བཟང་ཁྲབ་མོའི་ནང་ལུ། །

དྲི་བཟང་བུ་མོའི་རྣམ་རྒྱུར་འཇའ་མི་འཇའ། །

ཚེ་གཅིག་སྟོན་པའི་གྲོགས་ཀྱི། །

ལས་འཕྲོ་ཡོད་ན་བསམ་པ་རྫོགས་ནི་མས། །

ཁྱོད་ཀྱི་ཞལ་རས་གནས་བདག་རྒྱུ་སྐར་རྒྱལ་པོ། །

ཁྱོད་ཀྱི་སྐུ་གཟུགས་འདི་དང་རྩྭ་རི་སྨྱུག་མ། །

གཉིས་ཀུ་དབྱེ་བ་འཕྱལ་སར་མིན་འདུག །

དབྱེ་བ་སོ་སོ་འཕྱལ་སར་མིན་འདུག །


སྐྱེད་པཔི་ཁ་ཚིག་ཁྱོད་ཀྱི་དོན་ལུ་བཞག་ནི། །

བཟང་པའི་དམ་ཚིག་ཁྱོད་ཀྱི་དོན་ལུ་བཟུང་ནི། །

ནམ་ཡང་འགྱུར་ནི་མེད་པའི་དམ་བཅའ། །

དཀོན་མཆོག་དཔང་ལུ་བཙུགས་འདི་བཞག་ནི། །

Singers:Namgay Jigs & Ugyen Lham

Lyrics:Tashi Doendup #Tsareynyuma #bhutanesenewsongs2022 #bhutaneselyrics2022 #dzongkhalyrics #happinessjet #thebhutanesesongs 


No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...