All Bhutanese Lyrics in Dzongkha & English!

Wednesday, June 1, 2022

ཚེ་རབས་ཧེ་མ། །(TseRab HoeMay)-In the Past Life


 


ཚེ་རབས་ཧེ་མའི་ལོ་རྒྱུས་ང་མི་ཤེས། །

མངོན་ཤེས་རིག་ཤེས་ཡོད་རུང་ང་མི་སླབ། །


ད་རེས་ཁྱོད་དང་འཕྱད་པའི་དུས་ཚོད་འདི། །

སྐར་ཆ་གཅིག་རང་འཕྲོ་བརླག་ང་མི་བཏང་། །


སེམས་གནས་པ་མེད་པ་སྡོད་པའི་ཚེ། །

ཁྱོད་ཐ་རིང་བྱང་ལས་འོང་འདི་གི །

ངེའི་མི་ཚེ་ལམ་སྟོན་གནང་མི་ལུ། །

ཧིང་དྭངས་པའི་དཀྱིལ་ལས་བཀའ་དྲིན་ཆེ། །

ཧིང་དྭངས་པའི་དཀྱིལ་ལས་བཀའ་དྲིན་ཆེ། །


ཁྲོམ་མི་མང་འཛོམས་པའི་སྦུག་ནང་ལུ། །

ཁྱོད་ཡར་འགྱོ་མར་འགྱོ་སྡོད་པའི་ཚེ། །

ངེའི་སེམས་ལུ་བཟོད་ཐབས་མེད་པ་སྨོ། །

གཏམ་ལོ་རྒྱུ་མ་སླབ་ཐབས་མེདཔ་སོང་ཡི། །


མི་ཚེ་གཉིད་ལམ་བཟུམ་ཅིག་གནང་ནང་ལུ། །

རྟོན་གྱི་གྲོགས་ཅིག་ཁྱོད་དང་ཕྱད་པ་དགའ། །


འབྱུང་བཞི་ལུས་ཀྱི་ཕུང་པོའི་གནང་ན་ལུ། །

ཁྱོད་ལུ་ཆགས་པའི་སེམས་ལུ་འགྱུར་བ་མེད། །


འགྱུར་བ་མེད་པ་སྡོད་གེ་ང་བཅས་གཉིས། །

Lyrics:Tashi Dendup

#TserabHoemay #Bhutanesenewsongs2022 #bhutaneselyrics #dzongkhalyrics #happinessjet #thebhutanesesongs #songs



No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...