All Bhutanese Lyrics in Dzongkha & English!

Wednesday, June 1, 2022

ལྷ་ཡི་སྲས་མོ། །(Lha Yee Saymo)-Goddness

 

ས་སྟེང་མི་ཡུལ་ལུང་པ་ལོ་བརྒྱ་སྦེ་སྡོད་རུང་། །

ལྷ་ཡི་སྲསམོ་དང་འདྲ་བའི་བུམོ་ཁྱོད་བཟུམ་མི་མཐོང་། །

བུམོ་ཁྱོད་ལེགས་པའི་གདོང་གི་དགའ་འཛུམ་ཧིང་ཚ། །

བུམོ་ཁྱོད་མཐོང་པའི་ཉིནམ་ལས་ངེའི་སེམས་ཤོར་སོང་ཡི། །


ཨའི་ལེགས་པའི་གཟུགས་གཅིག་མཐོང་ཚེ། །

སེམས་ཤོར་བ་གཞོནམ་པའི་རང་བཞིན། །

ལས་གནམ་བསྐོས་ཡོད་ག་མེད་ག །

རང་མངོན་ཤེས་མེད་པ་མི་ཤེས་ཕས། །

ཁྱོད་མངོན་ཤེས་ཡོད་ན་གསུངས་གནང་མས། །

ཧེ་མ་མི་ཡུལ་ལུ་་་་་། །

ཁྱོད་དང་འདྲཝ་ཅིག་མ་་་མཐོང་། །

བུམོ་ཁྱོད་མཐོངམ་ཅི་ངེའི་་་་ཤོར་སོང་ཡི། །

ལེགས་པའི་དགའ་འཛུམ་ཞལ་ལས་ཡལ་མ་སོང་། །

བུམོ་ཁྱོད་མཐོང་པའི་ཉིནམ་ལས་ངེའི་སེམས་ཤོར་སོང་ཡི། །


གནམ་ཁ་གཡུ་ཡི་ཕོ་བྲང་ལྷ་ཁང་ལས། །

རྗེ་བཙུན་སྒྲོལ་མའི་སྤྲུལ་པ་བུ་མོ་ཁྱོད་ལས། །

རྒྱུ་དང་ནོར་གྱི་དངོས་གྲུབ་རང་ལུ་མི་དགོ །

དམ་ཚིག་གཙང་མའི་ཁྱོད་སེམས་གནང་བའི་རེ་བ། །


ངེའི་ཤ་ཁྲག་དོན་ཧིང་གུ་ལུ། །

དམ་ཚིག་གི་རི་མོ་བྲིས་ཡོད། །

གཟུགས་རྣམ་ཤེས་སོ་སོར་འབྲལ་རུང་། །

ངའི་རི་མོ་ཡལ་ས་མིན་འདུག་མས། །

ཁྱོད་རེ་བ་ང་ལས་བསྐྱེད་མ་ད། །


བུ་ཆུང་ངེ་གི་མི་ཚེ་ནང་་་། །

ཁྱོད་དང་ཕྱད་པའི་ཉིནམ་ལས། །

དོན་ཧིང་གཟུགས་ནང་མ་ཆགས་འཕུར་དོ་བཟུམ། །

ལིས་ངག་ཡིད་གསུམ་དམ་ཚིག་ཁྱོད་ལུ་ཕུལ། །

བུམོ་ཁྱོད་མཐོང་པའི་ཉིནམ་ལས་ངེའི་སེམས་འདི་ཤོར་སོང་ཡི། །

Singers: Ugyen Pangday & Yeshi Choden

#Bhutanesenewsongs2022 #bhutaneselyrics #dzongkhalyrics #lhayeesaymo



No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...