All Bhutanese Lyrics in Dzongkha & English!

Wednesday, June 1, 2022

དམ་བཅའ། །(Damcha)-The Vow

 


ཁྱོད་མགར་ས་བླ་མའི་སེང་གེ་དང་། །

ང་ལྕང་ཡུལ་བུ་མོ་དགའ་ལེགསམོ་ཨིན། །

ཁྱོད་མཛེས་པའི་རྣམ་འགྱུར་སྟོན་མ་ད། །

སེམས་སྒོ་ཅུང་ནང་ལས་བལྟ་འགྱོཝ་མས། །

བལྟ་འགྱོཝ་མས། །


ང་སྟན་ངག་མཁས་པའི་མིང་མེད་རུང་། །

ང་ཁྱོད་ལུ་བརྩེ་བའི་ལོ་རྒྱུས་ཚུ། །

གཏམ་གན་རྒྱ་ནང་ལུ་བྲི་འདི་གིས། །

ཧིང་གཏད་པའི་དམ་བཅའ་བཞག་གེ་སྨོ། །

བཞག་གེ་སྨོ། །


ཨའི་འཛོམས་པ་དགའ། །

ཨའི་འཛོམས་པ་སྐྱིད། །

ཨའི་འཛོམས་པ་དགའ། །

ཨའི་འཛོམས་པ་སྐྱིད། །


ཁྱོད་ལ་དང་ལུང་གིས་གཅད་སྡོད་རུང་། །

ང་ཁྱོད་ལུ་དགའ་བའི་ཤུགས་ཀྱིས་སྦེ། །

རང་སྲོག་ལུ་ཕངས་སེམས་མ་བསྐྱེད་པར། །

འཕྲལ་ཤོག་ཟེར་སླབ་རུང་ཐེ་ཚོམ་མེད། །

ཐེ་ཚོམ་མེད། །


ཁྱོད་ཆོས་བརྒྱུད་གདུང་རྒྱུད་ཤལ་ལྕང་མ། །

གླིང་གེ་སར་རྒྱལ་པོ་ང་མེན་རུང་། །

དགྲ་ཐབས་ཀྱིས་བཏུལ་འདི་ཡལ་དོ་བཟུམ། །

གཏམ་ཞུ་ཚིག་ཕུལ་འདི་ལེན་ཆེ་གེ །

ལེན་ཆེ་གེ །



ཨའི་འཛོམས་པ་དགའ། །

ཨའི་འཛོམས་པ་སྐྱིད། །

ཨའི་འཛོམས་པ་དགའ། །

ཨའི་འཛོམས་པ་སྐྱིད། །

Singers: Karma Phuntsho & Sonam Lhaden

Lyrics:Sangay Karma, Tune:Sonam Tenzin #Damcha #bhutaesesongs2022 #dzongkhalyrics #bhutaneselyrics #lyrics #happinessjet


No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...