ཨ་མ་ལས་ འགྱོ་བའི་ཆུ་མོ་ ང་འབད་རུང་ དགའ་ནི་མས།།
ཨ་མ་ལས་ འགྱོ་བའི་ཆུ་མོ་ ང་འབད་རུང་ དགའ་ནི་མས།།
ལྟོཝ་བཀྱེས་པའི་ སྡུག་བསྔལ་མེད།།
ཁ་སྐོམ་པའི་ སྡུག་བསྔལ་མེད།།
སེམས་སྡུག་བསྔལ་མེད་པ་ དགའ་བས་སྨོ།།
ཡར་དགུང་ལས་ ཤར་བའི་ཁྲི་གདུགས་ ང་འབད་རུང་ དགའ་ནི་མས།།
ཡར་དགུང་ལས་ ཤར་བའི་ཁྲི་གདུགས་ ང་འབད་རུང་ དགའ་ནི་མས།།
ཕམ་སྤུན་ཆའི་ སྡུག་བསྔལ་མེད།།
གཉེན་གྲོགས་ཀྱི་ སྡུག་བསྔལ་མེད།།
ས་འཛམ་གླིང་ སྟོནམ་ བལྟ་ནི་འདུག།
ཡར་གནམ་ཁའི་ ས་སྨུག།
ཡར་རྒྱུག་མར་རྒྱུག་ མ་འབད་མས།།
ངེའི་སེམས་ཡང་ རང་མཉམ།།
ཙ་ལས་རང་ སྡོད་ནི་མིན་འདུག།
སྡོད་ནི་མིན་འདུག་ སྡོད་ནི་མིན་འདུག།
ས་འཛམ་གླིང་ནང་ལུ།།
སེམས་ཀྱི་སྡུག་བསྔལ་ རྫོགས་ནི་མིན་འདུག།
ཡོདན་ཡོད་པའི་ སྡུག་བསྔལ།།
མེདན་མེད་པའི་ སྡུག་བསྔལ་འདུག།
གངས་རི་ལ་ ཤར་བའི་མེ་ཏོག་ ང་འབད་རུང་ དགའ་ནི་མས།།
གངས་རི་ལ་ ཤར་བའི་མེ་ཏོག་ ང་འབད་རུང་ དགའ་ནི་མས།།
བཀྱག་ལེགས་པའི་ མེ་ཏོག་འདི།།
རྟེན་བཟང་པོའི་ ལྷ་ཁང་ནང་།།
སྐྱབས་ལྷའི་ རྒྱན་ཆ་བཏུབ་བས་སྨོ།།
ཕར་རི་ལ་ བཞུགས་པའི་ སྒོམ་ཆེན་ ང་འབད་རུང་ དགའ་ནི་མས།།
ཕར་རི་ལ་ བཞུགས་པའི་ ཨ་ནེམ་ ང་འབད་རུང་ དགའ་ནི་མས།།
ལས་ངན་པ སྤང་སྟེ་གིས།།
བླམ་བཟང་པོ་བརྟེན་ཏེ་གིས།།
སེམས་དམ་པའི་ ཆོས་ལ་ བརྩོན་ནི་འདུག།
ལས་ངན་པ སྤང་སྟེ་གིས།།
བླམ་བཟང་པོ་བརྟེན་ཏེ་གིས།།
སེམས་དམ་པའི་ ཆོས་ལ་ བརྩོན་ནི་འདུག།
Singer:Kezang Dorji
#AmalayJowaiChhumo #Bhutanesenewsongs2022 #bhutaeselyricsin2022 #bhutanesesongs #dzongkhalyrics
No comments:
Post a Comment