All Bhutanese Lyrics in Dzongkha & English!

Wednesday, June 1, 2022

༼འཇའ་རིས་མོ༽ -Jarim Mo [Beautiful]

 

ཁྱོད་གནམ་མེད་ས་མེད་གསར་རིསམོ་མཐོང་མས། །

ཁྱོད་གནམ་མེད་ས་མེད་གསར་རིསམོ་མཐོང་མས། །

བུམོ་ངེ་གི་བལྟ་བའི་མིག་ཁ་ལུ། །

ཁྱོད་གནམ་མེད་ས་མེད་འཇའ་རིསམོ་མཐོང་མས། །

ཁྱོད་གནམ་མེད་ས་མེད་འཇའ་རིསམོ་མཐོང་མས། །

བུ་ངེ་གི་བལྟ་བའི་མིག་ཁ་ལུ། །

དཔག་བསམ་གྱི་འབྲས་བུ་བཟའ་རུང་། །

འཇའ་རིསམོ་ནེ་ཅིག་མི་འོང་། །

གསེར་དངུལ་གྱི་ཆུ་ཅིག་འཐུང་རུང་། །

འཇའ་རིསམོ་ནེ་ཅིག་མི་འོང་། །

ད་རེས་ང་གིས་མཐོང་མིའི་སྟག་ཤར་ཁྱོད། །

ངོ་རིས་ཚད་ལས་བརྒལ་སོང་ནུག།

ཧིང་གཏམ་བུ་རུ་སུ་རུ་རྣ་བའི་ནང་ལུ་ཧནམ་པས། །

གཞན་གྱི་གསང་གཏམ་འབུམ་ལས་ཁྱོད་ཀྱི་བུ་རུ་སུ་རུ། །

བུ་ཚུ་ངེ་གི་སེམས་ཁར་ཁྱོད་འབབ་མི་འབབ། །

ངོ་རིས་ཚད་ལས་བརྒལ་སོང་ནུག།

ངོ་རིས་ཚད་ལས་བརྒལ་སོང་ནུག།

ཁྱོད་གནམ་མེད་ས་མེད་གསར་རིསམོ་མཐོང་མས། །

ཁྱོད་གནམ་མེད་ས་མེད་གསར་རིསམོ་མཐོང་མས། །

བུམོ་ངེ་གི་བལྟ་བའི་མིག་ཁ་ལུ། །

མཁའ་འགྲོམ་ཚུ་ས་ལུ་འབྱོན་རུང་། །

འཇའ་རིསམོ་ནེ་ཅིག་མི་འོང་། །

འཇའ་ཚོན་ག་ར་བསྡུ་རུང་། །

འཇའ་རིསམོ་ནེ་ཅིག་མི་འཐོན། །

ད་རེས་ང་གིས་མཐོང་མིའི་སྟག་ཤར་ཁྱོད། །

ངོ་རིས་ཚད་ལས་བརྒལ་སོང་ནུག།

ཁྱོད་གནམ་མེད་ས་མེད་འཇའ་རིསམོ་མཐོང་མས། །

ཁྱོད་གནམ་མེད་ས་མེད་གསར་རིསམོ་མཐོང་མས། །

བུ་ངེ་གི་བལྟ་བའི་མིག་ཁ་ལུ། །

ཧིང་གཏམ་བུ་རུ་སུ་རུ་རྣ་བའི་ནང་ལུ་ཧནམ་པས། །

གཞན་གྱི་གསང་གཏམ་འབུམ་ལས་ཁྱོད་ཀྱི་བུ་རུ་སུ་རུ། །

བུ་ཚུ་ངེ་གི་སེམས་ཁར་ཁྱོད་འབབ་མི་འབབ། །

ངོ་རིས་ཚད་ལས་བརྒལ་སོང་ནུག།

ངོ་རིས་ཚད་ལས་བརྒལ་སོང་ནུག།

ངོ་རིས་ཚད་ལས་བརྒལ་སོང་ནུག།

ངོ་རིས་ཚད་ལས་བརྒལ་སོང་ནུག།

Singer:Sonam Wangdi & Tashi Lhamo

Composer: Lop Sonam Tenzin. For Lyrical Video Click the link

#Bhutaneselyricalsongs #bhutanesesongs #thebhutanesesongs #happinesssjet


No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...