All Bhutanese Lyrics in Dzongkha & English!

Wednesday, June 1, 2022

ང་གི་ཁྱོད་ལུ(Nga Gi Choe Lu)-I Love You!


 ང་གི་ཁྱོད་ལུ་གམ་ཅིག་དགའཝ་ཨིན་ན། །

ང་རང་གིས་ཡང་མི་ཤེས་པས། །

ང་གི་ཁྱོད་ལུ་གམ་ཅིག་དགའཝ་ཨིན་ན། །

ང་རང་གིས་ཡང་མི་ཤེས་པས། །


ངེ་གི་རྩ་བའི་བླ་མའི་ཞལ་རེས། །

ག་དེམ་ཅིག་སྒོམ་རུང་ཆགས་ནི་མིན་འདུག་སྨོ། །

ངེ་གི་རྩ་བའི་བླ་མའི་ཞལ་རེས། །

ག་དེམ་ཅིག་སྒོམ་རུང་ཆགས་ནི་མིན་འདུག་སྨོ། །


རྟག་བུ་ནཱ་བུ་ཁྱོད་ཀྱི་ངོ་རིས། །

སེམས་ཁར་ཆགས་འདི་འོངམ་མས་བུ་ཚུ་ཁྱོད། །


དགའ་བའི་དགའ་རོགས་འབད་བར་བུམོ་ང་། །

བུ་ཁྱོད་འབད་སར་མ་ལྷོད་རུང་། །

སྐྱོ་བ་སྡུག་བསྔལ་མྱོང་པའི་དུས་ཚོད་ལུ། །

ཁྱོད་ཀྱི་མིག་ཆུ་ང་གིས་ཕྱག་ནི་ཨིན། །


སངས་རྒྱས་གོ་འཕང་བུམོ་ཁྱོད་འགྱོ་ནི་འབདན། །

འཇིག་རྟེན་འདི་ནང་གྲུབ་ཐོབ་གྱངས་ཁ། །

གྲུབ་ཐོབ་གྱངས་ཁ་རྩ་ལས་མ་ཆོདཔ་འོང་། །

གྲུབ་ཐོབ་གྱངས་ཁ་རྩ་ལས་མ་ཆོདཔ་འོང་། །



ང་གི་ཁྱོད་ལུ་གམ་ཅིག་དགའཝ་ཨིན་ན། །

ང་རང་གིས་ཡང་མི་ཤེས་པས། །

ང་གི་ཁྱོད་ལུ་གམ་ཅིག་དགའཝ་ཨིན་ན། །

ང་རང་གིས་ཡང་མི་ཤེས་པས། །


ད་རེས་མི་ཚེ་འདི་ནང་ཁྱོད་དང་། །

ཅིག་ཁར་འཕྱད་པའི་དགའ་སྤྲོ་འདི། །

དཀོན་མཆོག་གསུམ་གྱིས་དངོས་གྲུབ་རྙིང་ཤུལ་ཨིན། །

ཕྱག་ཅིག་ཞབས་ཏོག་ང་གིས་ཞུ་ནི་ཨིན། །


བུམོ་སློབ་གྲྭ་ནང་གི་ཆོས་ཚན་འབདན། །

ནང་ཁས་ནང་པ་འཐོབ་མི་སློབ་ཕྲུག་གྱངས་ཁ་མི་ཆོད། །

གྱངས་ཁ་མི་ཆོད་འོང་། །


ང་གི་ཁྱོད་ལུ་གམ་ཅིག་དགའཝ་ཨིན་ན། །

ང་རང་གིས་ཡང་མི་ཤེས་པས། །

ང་གི་ཁྱོད་ལུ་གམ་ཅིག་དགའཝ་ཨིན་ན། །

ང་རང་གིས་ཡང་མི་ཤེས་པས། །

Singers:Phuntsho Wangdi & Tshering Yangdon

Movie: Dema Tsho

Lyrics:Sonam Tenzin

#ngagichoelu #bhutanesenewsongs2022 #bhutanesesongs #dematsho #lyricalvidoes #lyrics


No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...