All Bhutanese Lyrics in Dzongkha & English!

Wednesday, June 1, 2022

ཐད་རི་བ་རི་ཡ་(Theri Bari Ya)-Are You Sure!


 གནམ་ཧོནམ་གི་འོག་ལུ་ས་འཇིག་རྟེན་སྟོང་པ་མེན། །

བུམོ་ངེའི་སེམས་ཀྱི་ཁང་བཟང་ཁྲ་མོའི་ནང་། །

ཧིང་ཚ་བའི་མགྱོནམ་འཁོརཝ་ལས། །

ངེ་གི་སེམས་ཡང་སྟོང་པ་མེན། །


ཧོ་འོ་འོ་འོ་འོ་འོ་འོ་འོ་་། །

གཡུས་བཟང་ཁྲ་མོ་དགའ་བའི་ལོ་རྒྱུས། །

གཞན་གྱི་གོ་བ་ཅིན་་་་་། །

གཡུས་འདི་གི་རྒྱན་ཆ་བུམོ་ཁྱོད་ཨིནམ་སྦེ་ཤེས་པ་ཅིན། །

དེ་ལས་འདིནི་ཐད་རི་བ་རི་ངེའི་སེམས་སྟོང་པ་ལུས་ནི་མས། །

དེ་ལས་འདིན་གཡུས་བཟང་ཁྲམོ་ཡང་སྟོང་པ་ལུས་ནི་ཉེན་ཁ་འདུག།


ཐབས་ཤེས་སྣ་ཚོགས་སྟོན་འདི། །

གནས་སྐབས་གསརཔ་ཚུ་སྟོན་འདི། །ཁྱོད་རང་་་་་་། །

ངེའི་ཕང་མ་ལེན་ནི། །

ཁྱོད་ལུ་དགའ་བའི་གསང་གཏམ་སྦ་གསང་མེད་པར་སླབ་ནི། །

ང་གིས་ཁྱོད་ལུ་་་་། །


ཐད་རི་བ་རི་ཡ་་་། །

ཐད་རི་བ་རི་སླབ་ཨིན་ན་སྨོ། །

སེམས་ཁར་ཐེ་ཚོམ་ཆགསཔ་མས། །

འཕྲལ་འཕྲལ་གཡང་ཡང་ཟཝ་མས། །

བུམོ་ཁྱོད་བཟུམ་མཐོངམ་ད་ལུ། །



ཕྱུག་པའི་གཡང་ལས་ལྷག་པའི། །

དགའ་བའི་སེམས་ཀྱི་རི་མོ། །

དུས་ནམ་ཡང་ཡལ་མི་མྱོང་། །


ཧོ་འོ་འོ་འོ་འོ་་་། །

མིག་མཐོང་ལག་བཟུང་མེད་པའི་སེམས་འདི། །

ད་རེས་ཅིག་འབད་དོ། །

རླུང་ག་ཏེ་འཕུར་སར་སེམས་ཡང་འབག་འདི་་དོ་ས་་་། །


དེ་ལས་འདིནི་ཐད་རི་བ་རི། །

ངེའི་སེམས་སྟོང་པ་ལུས་ནི་མས། །

དེ་ལས་འདིན་གཡུས་བཟང་ཁྲམོ་ཡང་། །

སྟོང་པ་ལུས་ནི་ཉེན་ཁ་འདུག།


ཐབས་ཤེས་སྣ་ཚོགས་སྟོན་འདི། །

གནས་སྐབས་གསརཔ་ཚུ་སྟོན་འདི། །ཁྱོད་རང་་་་་་། །

ངེའི་ཕང་མ་ལེན་ནི། །

ཁྱོད་ལུ་དགའ་བའི་གསང་གཏམ། །

སྦ་གསང་མེད་པར་སླབ་ནི། །

ང་གིས་ཁྱོད་ལུ་་་་། །



ཐད་རི་བ་རི་ཡ་་་། །

ཐད་རི་བ་རི་སླབ་ཨིན་ན་སྨོ། །

སེམས་ཁར་ཐེ་ཚོམ་ཆགསཔ་མས། །

འཕྲལ་འཕྲལ་གཡང་ཡང་ཟཝ་མས། །

བུ་ཁྱོད་བཟུམ་མཐོངམ་ད་ལུ། །


ཕྱུག་པའི་གཡང་ལས་ལྷག་པའི། 

།དགའ་བའི་སེམས་ཀྱི་རི་མོ། །

དུས་ནམ་ཡང་ཡལ་མི་མྱོང་། །

Singers:Sonam Wangdi & Pema Deki

Lyrics: Tashi Dendup

#Theribari #bhutanesenewsongs2022 #bhutaneselyricalvideos #bhutaneselyrics #dzongkhalyrics #happinessjet #bt


No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...