All Bhutanese Lyrics in Dzongkha & English!

Wednesday, June 1, 2022

སེམས་ཀྱི་རྟག་བུ་རང་། །(Semki Tabu Rang)-Always in My Mind

 

སེམས་ཀྱི་རྟག་བུ་རང་། །

བུ་ཁྱོད་ག་ཅིག་འབད་རང་འཚོལཝ་ཨིན་ན། །

སེམས་ཀྱི་འབག་མ་མཐལ། །

བུ་ཁྱོད་མཐོང་ནི་མེད་པའི་ན་ཟུག་འདི། །

ཡུདཔ་ཐེངས་ཅིག་སྒུག་ཟེར་རུང་། །

ལོ་ཟླཝ་སྦེ་སྒུག་ནི་ང་། །ཁྱོད་ལུ་དགའ། །

སེམས་ཀྱི་རྟག་བུ་རང་་་་་། །


དཀར་གསལ་ཤར་སར་མཐོང་རུང་། །

ཁྲི་གདུགས་ཤར་འདི་འབད་རུང་། །

བུམོ་ཁྱོད་སེམས་ཁར་ཁྲ་ལམ་ལམ། །

ཕྱི་རུ་གཉིད་ལམ་ནང་ལུ། །

ཉིན་མ་ལུས་ཀྱི་གྱིབ་མ། །

བཟུམ་འབད་རྟག་བུ་ཞུགས་གནང་མས། །


མི་མནོ་ངེའི་སེམས་ཀྱི་ཁྱོད་དྲན། །

ངེ་དྲན་པའི་ལུས་ཀྱི་ཁྱོད་རང་འཚོལ། །

ཁ་ཚིག་རླུང་གིས་འབག་མ་བཅུགས། །

དམ་ཚིག་ང་ལུ་སྲུང་གནང་མས། །


གདོང་ལུ་དགའ་འཛུམ་འབག་མི། །

སེམས་ལུ་ཞི་བདེ་བྱིན་མི། །

སྟག་ཤར་ཁྱོད་ལས་གཞན་ཅིག་མེད། །

ཁྱོད་ལེགས་པའི་ངོ་རིས། །

ལྷ་ཡུལ་སྲས་ལུ་ཡོད་རུང་། །

སེམས་ཀྱི་གདམ་ཁ་ཁྱོད་རང་ཨིན། །

མི་ཚེ་གནམ་བསྐོས་བསྐྱེད་པའི་གནམ་བསྐོས་ཁྱོད། །

ངེའི་མ་འོང་པ་བརྩམ་པའི་འཆར་གཞི་ཁྱོད། །

བློ་གཏད་ཧིང་གཏད་ཁྱོད་རང་ཨིན། །

ཧིང་བརྐུ་ནི་མནོ་བསམ་བཏང་མ་ད། །


སེམས་ཀྱི་རྟག་བུ་རང་། །

བུམོ་ཁྱོད་ག་ཅིག་འབད་རང་འཚོལཝ་ཨིན་ན། །

སེམས་ཀྱི་འབག་མ་མཐལ། །

བུམོ་ཁྱོད་མཐོང་ནི་མེད་པའི་ན་ཟུག་འདི། །

སྐར་མ་སྟོང་སྦེ་ཤར་མི་འདི། །

ཁྱོད་ཀྱི་དོན་ལུ་མེན་ན་སྨོ། །མེན་ན་སྨོ། །

སེམས་ཀྱི་རྟག་བུ་རང་་་་་་། །



No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...