ཁྱོད་དགའ་བའི་དགའ་འཛུམ། །
མ་འདྲཝ་མ་འདྲཝ་སྦེ་ར་སྟོནམ་ད། །
བུམོ་ངེའི་སེམས་དཀྲོགསཔ་མས།།
རང་དབང་མེད་པར་འགྱུརཝ་མས། །
ཨོ་ཧོ་ཧོ་ཧོ་ཧོ་་་སྟག་ཤར། །
ཨོ་ཧོ་ཧོ་ཧོ་ཧོ་་་སྟག་ཤར། །
མ་དཀྲོག་ངེ་གི་སེམས་འདི། །
དཀྲོག་མ་ད། །
ག་ཅི་སྦེ་ར་དཀྲོགསཔ་སྨོ། །
རང་དབང་མེད་པའི་སེམས་འདི། །
དཀྲོགསཔ་ད་ལུ། །
ཚབས་འཚུབས་ལེ་ཤ་འབདཝ་མས། །
ང་མཉམ་ཆུང་བུ་མོའི་བློ་སེམས་འདི། །
ཁྱོད་ཡོད་ན་ཡོད་པའི་དགའ་ཉམས་འབྱུང་། །
རི་ལྷ་དང་མཉམ་པའི་དགའ་ཉམས་ཡོད། །
སེམས་མ་སྐྱོ་མ་འཁྲུལ་ཡིད་འོང་མ། །
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་་། །
ཧོ་ཧོ་ཧོ་ཧོ་ཧོ་ཧོ་་།།།
ཧིང་ཚ་བའི་རྣམ་འགྱུར། །
མའདྲཝ་མ་འདྲཝ་སྦེ་ར་སྟོནམ་ད། །
བུ་ངེཡི་སེམས་ཤོརཝ་མས། །
སེམས་ཀྱི་ཧིང་ལས་ཕངས་མས། །
ཧོ་ཧོ་ཧོ་ཧོ་ཧོ་་་བུ་མོ། །
ཧོ་ཧོ་ཧོ་ཧོ་ཧོ་་་བུ་མོ། །
མ་འགྱོ་ཐག་རིང་ས་ཁར་ཡར་མ་སོང་། །
ང་དང་ཆགས་འདི་སྡོད་གནང་། །
བུ་ཁྱོད་ང་དང་ཆགས་འདི་མེད་པ་ཅིན། །
བློ་སེམས་ཧིང་ལས་འཁྲུལ་དགོ །
ཁྱོད་དགའ་བའི་དགའ་འཛུམ་སྟོན་འདི་གིས། །
བུ་ང་ལུ་ཧིང་གཏམ་བཤད་པའི་ཚེ། །
ང་གཉིད་ལམ་ནང་ལུ་ཨིན་པ་བསམ། །
སེམས་ག་འགྱོ་ལུས་ཀྱིས་བདའ་མ་ཟུན། །
Singers: Karma Phuntsho & Dawa Yangchen
Tune & Lyrics: Tashi Dendup #Matrongesem #bhutanesenewsongs2022 #lyrical #bhutaneselyrics #dzongkhalyrics #happinessjet
No comments:
Post a Comment