All Bhutanese Lyrics in Dzongkha & English!

Wednesday, June 1, 2022

དགའ་བའི་བརྩེ་གདུང་། །(Gawai Tsedung)-Affection of Love


 


སྭོ་་་་་་་་་། །

ཡར་ཚེས་བཅོ་ལྔའི་ཟླཝ་བའི་འོད། །

ཁྱོད་ཀྱི་སྟོན་པའི་དགའ་འཛུམ་ལས་འཐོན་མས། །


སྭོ་་་་་་་་་་། །

རྫུ་འཕྲུལ་མིག་འཕྲུལ་སྟོན་འདི་གིས། །

ངེའི་སེམས་བརྐུ་བ་འོང་འོངམ་མེད་ན་ཁྱོད། །


ཁྱོད་ལེགས་པའི་ཞལ་རེས་མཐོངམ་ད། །

ཡར་ཁྲི་གདུགས་འོད་ཟེར་མེདཔ་བཟུམ། །

མདངས་ཆེ་བའི་མཇའ་ཚོན་ཡང་མེན། །

ཁྱོད་ལྷ་ལས་ལེགསཔ་སྦེ་མཐོངམ་ད་ལུ། །


ཁྱོད་ཧོན་པའི་ཚིག་གསུམ་བཤད་པའི་ཚེ། །

ངེའི་སེམས་ལུ་དགའ་བ་འབུམ་སྦེ་ཤར། །

སེམས་དགའ་བའི་མིག་གཞི་མཐུན་མེན་ན། །

ཚེ་འདི་གི་གནམ་བསྐོས་ཡོདཔ་ཨིན་ན། །

སྐྱེཝ་ཧེ་མའི་ལས་འཕྲོ་མེད་རུང་། །

སྔོན་ཚོགས་བསག་འབྲས་བུ་ཆུང་རུང་། །

དུས་ཁལ་གཅིག་ཙམ་ཅིག་སྦེ་རུང་། །

ཁྱོད་མཐོངམ་ལས་ངེའི་སེམས་དགའ་བས་སྨོ། །


བརྩེབའི་སེམས་ཀྱི་དགའ་བཟུམ་གདོང་ལུ་འབག །

སེམས་གཙང་མའི་དམ་ཚིག་ཧིང་ལུ་བཙུགས། །


ཚེ་གཅིག་གི་རེ་བ་ཁུར་ཆག་འབག །

ཁྱོད་སེམས་ཀྱི་མགྱོནམ་སྦེ་འོང་ཡི་མས། །

སྭོ་་་་་་་་་་་་་། །

དབྱངས་ཅན་ལྷ་མོའི་གསུངས་སྐད་ལས། །

ཁྱོད་ཀྱི་བཤད་མི་ཧིང་གཏམ་ཧན་མི་ཧན། །

སྭོ་་་་་་་་་་་་་་་། །

ཀླུ་ཡི་ནོར་བུ་སྟོང་ཡོད་རུང་། །

ཧིང་གི་ནོར་བུ་ཁྱོད་བཟུམ་མི་མཐོབ་འོང་། །


ཡར་ཞིང་ཁམས་ང་གི་མ་མཇལ། །

མར་ཀླུ་ཡུལ་ང་གི་མ་ལྷོད། །

ཁྱོད་ལྷའི་སྲས་བཟུམ་མཇལཝ་ད། །

ང་ཞིང་ཁམས་ལྷོདཔ་ཡང་མེན་ན་སྨོ། །


 ལོ་གཏད་པའི་མི་འདི་ཁྱོད་ཨིན། །

ཁྱོད་བཟང་མའི་དམ་ཚིག་སྲུང་གནང་། །

 འཛོམས་འབྲལ་བ་མེད་པའི་རི་མོ། །

 ཨའི་འགྱུར་མེད་ཧིང་ལུ་བྲི་བཞག་གེ །

Singers: Dawa Tshering & Tashi lhamo

Lyrics: Tashi Lhamo #Gawaitsedung #bhuttanesenewsongs2022 #bhutaneselyrics #bhutan #happinessjet



No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...