དུས་རབས་སྔོན་མ་་། །
ག་དང་ག་རང་ལེགས་རུང་། །
ད་རིས་དུས་རབས་འདི་ནང་ལུ། །
ཁྱོད་ལས་ལེགསཔ་ཅིག ། ག་ཡང་མི་འོང་སྨོ། །
བལྟ་ཡི་བལྟ་ཡི་རང་བསུན་ནི་རང་མིན་ནུག་སྨོ། །
མནོ་ཡི་མནོ་ཡི་རང་ཧེང་སྐལ་རང་དགའཝ་མས་སྨོ། །
བལྟ་ཡི་བལྟ་ཡི་རང་བསུན་ནི་རང་མིན་ནུག་སྨོ། །
མནོ་ཡི་མནོ་ཡི་རང་ཧེང་སྐལ་རང་དགའཝ་མས་སྨོ། །
སྐབས་སྐབས་ཁྱོད་ཀྱི་མནོ་བསམ་བཏང་ད་ལུ། །
འཕྲལ་འཕྲལ་ལྷ་ཡུལ་ལྷོད་དོ་བཟུམ་སྦེ་ང་། །
མནོ་བསམ་ཅིག་བཏང་རུང་། །
འཆར་གཞི་ཅིག་བརྩམ་རུང་། །
ག་ཅི་ཅིག་འབད་རུང་། །
ཁྱོད་ཀྱི་མནོ་བསམ་བཏང་དོ་ང་། །
ཞབས་ཁྲ་ཅིག་བརྩམ་རུང་། །
འབྲི་རྩོམ་ཅིག་བྲིས་རུང་། །
གསལ་བཤད་ཅིག་བཏང་རུང་། །
ཁྱོད་ཀྱི་དོན་ཚན་འཐོན་འགྱོཝ་མས། །
བལྟ་ཡི་བལྟ་ཡི་རང་བསུན་ནི་རང་མིན་ནུག་སྨོ། །
མནོ་ཡི་མནོ་ཡི་རང་ཧེང་སྐལ་རང་དགའཝ་མས་སྨོ། །
བལྟ་ཡི་བལྟ་ཡི་རང་བསུན་ནི་རང་མིན་ནུག་སྨོ། །
མནོ་ཡི་མནོ་ཡི་རང་ཧེང་སྐལ་རང་དགའཝ་མས་སྨོ། །
ཚེ་རབས་སྔོན་མའི་ལས་འཕྲོ་ཡོདཔ་བཟུམ་སྦེ། །
དགའ་བའི་བརྩེ་གདུང་མིག་གིས་མཐོངམ་ད་ལུ། །
རྩང་མོ་ཅིག་འཐེན་རུང་། །
བློ་ཟེ་ཅིག་བསྒྱར་རུང་། །
ཁ་བཤད་ཅིག་རྐྱབ་རུང་། །
ཁྱོད་ཀྱི་ཚིག་རང་ཚུལ་འགྱོཝ་མས། །
ཁ་འཐེན་ཅིག་བཏང་རུང་། །
སྨོན་ལམ་ཅིག་བཏབ་རུང་། །
དགེ་བ་ཅིག་བསག་རུང་། །
ཁྱོད་ཀྱི་དོན་ལས་བསྔོ་དོ་ང་། །
དུས་རབས་ཤུལ་མ་ག་དང་ག་ར་ལེགས་རུང་། །
ད་རིས་དུས་རབས་འདི་ནང་ལུ། །
ཁྱོད་ལས་ལེགསཔ་ཅིག ། ག་ཡང་མི་འོང་སྨོ། །
བལྟ་ཡི་བལྟ་ཡི་རང་བསུན་ནི་རང་མིན་ནུག་སྨོ། །
མནོ་ཡི་མནོ་ཡི་རང་ཧེང་སྐལ་རང་དགའཝ་མས་སྨོ། །
Singers:Ugyen Panday & Tshering Yangdon
Lyrics:Sonam Tenzin
Movie: Dema Tsho #Bhutanesenewsongs2022 #lyrical #lyrics #bhutan #dzongkhalyrics #happinessjet #thebhutanesesongs
No comments:
Post a Comment