All Bhutanese Lyrics in Dzongkha & English!

Friday, June 3, 2022

གཟུགས་སྔོ་གཤམ་དཀྱི་ར། །(Zu Ngosharm)-The Blue Kira

 

གཟུགས་སྔོ་གཤམ་དཀྱི་ར་དཀྱིས། །

ཨའི་འོན་རྒྱུ་ཤ་ཁ་སློག །

འཛུམ་སེག་སེག་བལྟཝ་ད་ལུ། །

ངེའི་སེམས་དེ་མི་ཤོར་མི་ཤོར། །


གཟུགས་ལུང་སེརམ་གོ་ཅིག་གྱོན། །

ཨའི་ལག་རྒྱན་བཀབ་སྦེ་སློག །

འཛུམ་སེག་སེག་བལྟཝ་ད་ལུ། །

ངེའི་སེམས་དེ་མི་ཤོར་མི་ཤོར། །


ཁྱོད་ཡོདཔ་ད་འཁོར་བའི།

འཇིག་རྟེན་ཞིང་ཁམས་ཨིན། །

ཁྱོད་ཡོདཔ་ད་འཁོར་བའི།

འཇིག་རྟེན་ཞིང་ཁམས་ཨིན། །

ཁྱོད་མེདཔ་ད་དམྱལ་བའི་གྲོང་ཁྱེར་མས། །


ལོ་རྒྱུས་རྣ་བར་ཧན་མི་ཧན། །

ཧིང་གཏམ་སེམས་ཁར་འབབ་མི་འབབ། །

ངེའི་སེམས་དེ་མི་དགའ་མི་དགའ། །


གཟུགས་སྔོ་གཤམ་དཀྱི་ར་དཀྱིས། །

ཨའི་འོན་རྒྱུ་ཤ་ཁ་སློག །

འཛུམ་སེག་སེག་བལྟཝ་ད་ལུ། །

ངེའི་སེམས་དེ་མི་ཤོར་མི་ཤོར། །


ཧིང་གཏམ་འདི་རྒྱ་མཚོ་བཟུམ་སྦེ་ཟབ་མི་ཟབ། །

ཧིང་གཏམ་འདི་རྒྱ་མཚོ་བཟུམ་སྦེ་ཟབ་མི་ཟབ། །

ལོ་སྟོང་སྦེ་བཤད་རུང་རྫོགས་ནི་མེད། །


ཧིང་གཏམ་བརྒྱ་ལས་དམ་ཚིག་དགའ། །

དམ་ཚིག་དར་གྱིས་མདུད་ཕོད་འདི། །

འགྱུར་བ་མེད་པར་བསྟེན་གནང་མས། །


གཟུགས་སྔོ་གཤམ་དཀྱི་ར་དཀྱིས། །

ཨའི་འོན་རྒྱུ་ཤ་ཁ་སློག །

འཛུམ་སེག་སེག་བལྟཝ་ད་ལུ། །

ངེའི་སེམས་དེ་མི་ཤོར་མི་ཤོར། །


གཟུགས་ལུང་སེརམ་གོ་ཅིག་གྱོན། །

ཨའི་ལག་རྒྱན་བཀབ་སྦེ་སློག །

འཛུམ་སེག་སེག་བལྟཝ་ད་ལུ། །

ངེའི་སེམས་དེ་མི་ཤོར་མི་ཤོར། 

Singers:Sonam Wangdi & Kinley Wangmo

Lyrics: Sonam Tenzin #Zungosharm #Bhutanesenewsongs #bhutan #thebhutaneslyrics #bhutanesesongs #happinessjet


No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...