All Bhutanese Lyrics in Dzongkha & English!

Wednesday, June 1, 2022

ངོ་འཛོལ་འོང་(Ngo Zoe Wong)


 མེ་ཏོག་ཁ་གས་པའི་སྤང་ཐང་ནང་།།

བུམོ་ཁྱོད་མ་འཛུལ་ངོ་འཛོལ་འོང་།།

དཀར་གསལ་ཤར་སྡོད་པའི་དུས་ཚོད་ནང་།།

བུ་ཁྱོད་མ་འགྱོ་ངོ་འཛོལ་འོང་།།

གཞན་གྱི་མིག་ཁར་ཚུད་པའི་ཚ་གྱང་འདི།།

འབོ་འབོཝ་མེད་རུང་མགྱོནམ་སྦེ་འཁོར་འོངམ་མས།།


མཐོང་ནི་མེད་པའི་སེམས་ཡང་བརྐུ་ཚུགས་པས།།

ཨར་ལྷ་ཆགས་ཡང་མེན་ན་སྨོ།།

མིག་ཏོ་བཙུམ་རུང་བུམོ་ཁྱོད་ཁྲ་ལམ་ལམ།།

མིག་འཕྲུལ་མཁསཔ་ཡང་མེན་ན་སྨོ།།


ཁྱོད་དང་མེ་ཏོག་ངོ་འཛོལ་འོང་།།

ཁྱོད་དང་དཀར་གསལ་ངོ་འཛོལ་འོང་།།

ཁྱོད་དང་མེ་ཏོག་ངོ་འཛོལ་འོང་།།

ཁྱོད་དང་དཀར་གསལ་ངོ་འཛོལ་འོང་།།


ཡུད་ཙམ་ཅིག་བཏོན་མི་བགའ་འཛུམ་འདི།།

མ་ཤི་ཚེ་ཅིག་ཁྲ་ལམ་ལམ།།

ཚིག་ཐེངས་ཅིག་ཤོར་བའི་ཧིང་གཏམ་འདི།།

ཉིན་ནུབ་མེད་པ་གསལ་རི་རི།།


ཁྱོད་དང་གཅིག་ཁར་སྡོད་པའི་རེ་བ་འདི།།

སངས་ནི་མེད་པའི་སེམས་ཀྱི་ནད་གཞི་མས།།

དོན་ཧིང་སོ་སོ་འབད་རུང་མནོ་ཐངས་ཅིག།

ཚེ་ཅིག་སྡོད་པའི་རེ་བ།།

སྡོད་ས་སོ་སོ་འབད་རུང་སྨོན་ལམ་ཅིག།

ནམ་ཡང་བྲལ་བ་མ་གནང་།།


ཁྱོད་དང་མེ་ཏོག་ངོ་འཛོལ་འོང་།།

ཁྱོད་དང་དཀར་གསལ་ངོ་འཛོལ་འོང་།།

ཁྱོད་དང་མེ་ཏོག་ངོ་འཛོལ་འོང་།།

ཁྱོད་དང་དཀར་གསལ་ངོ་འཛོལ་འོང་།།

Singers: Sonam Wangdi & Tshering Yangdon

lyrics:Phurba Rigsel



No comments:

Post a Comment

Nga Gi Choe Lu Masong

   ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།། ང་གིས་ཁྱོད་ལུ་མ་སོང་ཟེར་སླབ་ཅི་དབའི།།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོང་ནུག།  འདི་འབདཝ་ད་ཁྱོད་ཀྱིས་ཡར་སོ...